བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་རྒྱ་ནག་ལྦུ་ཧན་ཏོག་དབྱིབས་གཉན་རིམས་ ༡༩ COVID-19 རྐྱེན་པས་བོད་མི་རྒས་གཅོང་མགོན་མེད་ཉམ་ཐག་དང་སློབ་ཕྲུག་ལ་རོགས་དངུལ་ཧིན་སྒོར་ ༡༦,༣༤༡,༢༡༩ ཐམ་པ་ཁུངས་འགྲེམས་གནང་ཟིན།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་རྒས་གཅོང་ཉམ་ཐག་གྲངས། ༡༣༩༢ དང་སློབ་ཕྲུག་ཉམ་ཐག་གྲངས། ༦༦༢ ལ་ཏོག་དབྱིབས་གཉན་རིམས་ ༡༩ (Covid-19 ) རྐྱེན་དཀའ་ངལ་འཕྲད་བཞིན་པར་ཛ་དྲག་ངལ་སེལ་ཆེད་འཚོ་སྣོན་དང་སློབ་ཡོན་མཐུན་འགྱུར་རོགས་སྐྱོར་ཞུས་པ་བསྡོམས་ཧིན་སྒོར་ ༡༦༣,༤༡,༢༡༨།༠༠ ས་གནས་ཁག་ ༤༥ ནང་སྔ་འདོན་གྱིས་ཁུངས་འགྲེམས་ཞུས་ཡོད། རྒྱ་ནག་ཝུ་ཧན་ནས་ཁྱབ་མཆེད་པའི་ཏོག་དབྱིབས་གཉན་རིམ་ Covid-19 འཛམ་གླིང་གང་སར་ཁྱབ་འདལ་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་བོད་མི་མང་ཐག་ཞིག་ལ་དཀའ་ངལ་མི་ཉུང་བ་འཕྲད་དང་འཕྲད་མུས་ལ་བརྟེན་ནང་སྲིད་ལས་ཁུངས་དང་རོགས་ཚོགས་རྣམས་མཉམ་རུབ་ཀྱིས་རྒྱ་བལ་འབྲུག་གསུམ་ནང་གི་རྒས་གཅོང་མགོན་མེད་ཉམ་ཐག་དང་སློབ་ཕྲུག་རྣམས་ལ་ཛ་དྲག་ངལ་སེལ་རོགས་དངུལ་གཤམ་འཁོད་རེའུ་མིག་ལྟར་ཕུལ་ཡོད།
རོགས་སྐྱོར་ཞུས་པའི་ཐོ་གཞུང་ཞིབ་ཕྲ།

RELATED NEWS

Menu