༢༠༢༠།༠༥།༠༡ ཉིན་སྨན་པ་ Dr.Manoj (District Medical and Health Officer) དང་ dr. Robert Marak (District Surveillamce Officer) གཉིས་དངོས་སུ་འབྲེལ་གཏུགས་ཞུས་སྟེ་ས་གནས་སུ་ཏོག་དབྱིབས་གཉན་རིམ་ COVID-19 དང་འབྲེལ་བའི་ཛ་དྲག་དཀའ་ངལ་རོགས་སྐྱོར་ཞུས་འབྲས་སུ། རོགས་སྐྱོར་གནང་རྒྱུའི་གྲ་སྒྲིག་ཨང་སར་ཡོད་པའི་ཞལ་བཞེས་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༠༥ ཚེས་ ༠༦ ཉིན་ས་གནས་ COVID-19 ཛ་དྲག་ལས་དོན་ཚོགས་ཆུང་ལྷན་འཛོམས་ཐོག་གོ་བསྡུར་གྱིས་རྒྱ་གར་གཞང་གི་ཐེམ་སྤང་ Lock down བཀའ་རྒྱ་རྐྱེན་པས་ཁྱབ་ཁོངས་དཀའ་ངལ་ཅན་ཁྱིམ་ཚང་ ༦ ལ་ཧིན་སྒོར་ ༧༠༠༠ འབབ་བཟའ་འབྲུ་འབུལ་ཐུབ་པ་བྱུང་ཡོད་པ་མུ་མཐཱུད་དཀའ་ངལ་ཅན་རྣམས་ལ་བཟའ་འབྲུ་རོགས་སྐྱོར་ཞུ་འཆར་ཡོད། གཞན་ཡང་ཤེས་ལོངས་བོད་དགོན་ནས་ཁྱིམ་ཚང་དཀའ་ངལ་ཅན་ ༤ ལ་ཧིན་སྒོར་ ༡༡༠༠༠ འབབ་བཟའ་འབྲུ་མཐུན་འགྱུར་ཞུས་ཡོད། ཨ་སམ་མངའ་སྡེ་གྲུང་འཁྱེར་ Guwahati ནས་བོུ་བསྟན་འཛིན་སྨིན་སྐྱིད་ལགས་ ༢༠༢༠།༠༥།༠༧ ཉིན་འདི་གའི་མངའ་སྡེ་གཞུང་གི་མཐུན་འགྱུར་འོག་ཕྱིར་འཁོར་དང་། ཤེས་ལོངས་ས་མཚམས་ཁག་གཉིས་སུ་ཁོང་མོའི་འཕྲོད་བསྟེན་བརྟག་དཔྱད་ཀྱིས་ནད་རྟགས་གང་ཡང་ཐོན་མེད་སྟབས། མངའ་སྡེ་གཞུང་གི་ལམ་སྟོན་བཞིན་རང་ཁྱིམ་དུ་ཟུར་བཀའ་བཞག་ཡོད། ཤེས་རིག་ལས་ཁུངས་ནས་འདི་གའི་ཁྱབ་ཁོངས་ཉམ་ཐག་ཨང་ཐོབ་ཅན་བཀྲ་ཤིས་དབང་འདུས་ལ་ཧིན་སྒོར་ ༢༠༠༠ དང་བསྟན་འཛིན་ཆུང་བདག་ལ་ཧིན་སྒོར་ ༥༠༠༠ བཅས་བགོས་འགྲེམས་དང་། དེ་བཞིན་ས་གནས་འགོ་འཛིན་ལས་ཁུངས་དང་གཡས་གཡོན་ཁོར་ཡུག་བཅས་ཀྱི་ནང་དུག་སེལ་ Sanitize ཉིན་གཉིས་རེ་མཚམས་གངན་བཞིན་ཡོད། རྒྱ་གར་དབུས་གཞུང་དང་། འབྲེལ་ཡོད་རྫོང་དཔོན་ལས་ཁཱུངས། བོད་མི་སྒྲིག་འཛུགས་བཅས་ནས་ནད་ཡམས་ COVID-19 སྔོན་འགོག་དང་འབྲེལ་བའི་ལམ་སྟོན་ཕེབས་པ་ཁག་མི་མང་གི་ Whatsapp group དང་ལས་དོན་ཚོགས་ཆཱུང་ Whatsapp group བརྒྱུད་སློབ་གསོ་ལམ་སྟོན་ཞུས་དང་ཞུས་མུས་ཡིན། གཞིས་ཆགས་གཞཉ་ལྟར་རང་བདག་གི་ས་ཁང་མེད་རྐྱེན་ས་གནས་སུ་འགོག་དབྱེ་ཟུར་འཇོག་ Community quarantine ཆེད་འཛུགས་དཀའ་བ་ཡིན་ནའང་། ཛ་དྲག་ལས་དོན་ཚོགས་ཆཱུང་དང་གོ་བསྡུར་གྱིས་སམ་བྷོ་ཊ་སློབ་གྲྭའི་ Dormitory སྟོང་པ་གཅིར་ཟུར་བཀག་སྡོད་ཁང་གོ་སྒྲིག་ཞུས་ཡོད། ཏོག་དབྱིབས་གཉན་རིམ་སྔོན་འགོག་གི་ཉན་སྲུང་ཡོ་ཆས་ཁག་མཁོ་སྒྲུབ་ཀྱིས་བཀོལ་སྤྱོད་་བྱ་མུས་ཡིན་པའི་གནས་བསྡུས་སུ།