༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་ལས་ཁུངས་ཁག་ནས་རྒྱ་ནག་ཝུ་ཧན་ཏོག་དབྱིབས་གཉན་རིམ་ ༡༩ (COVID-19) སྔོན་འགོག་ལས་དོན་དང་མཐུན་རྐྱེན་གསར་པ་ཇི་ཞུས།

བདེ་སླར་ས་གནས་འགོ་འཛིན་ལས་ཁུངས།

      དེ་ནས་མངའ་གཞུང་ (Tehsilder) ལས་ཁུངས་སུ་འབོད་བསྐུལ་ཞུས་དོན་བཞིན། གཞིས་ཆགས་ནང་གི་གཞུང་ལམ་དང་། དགོན་སྡེ་ཁག ལས་ཁུངས། ཚོང་ཁང་བཅས་ཡོངས་རྫོགས་ལ་མེ་གསོད་རླངས་འཁོར་གྱིས་ཉིན་གཉིས་རིང་སྨན་ཆུ་གཏོར་ཡོད་པ་དང་། དེ་བཞིན་ཉེན་སྲུང་ཡོ་ཆས་ཁ་རས་དང་། ལག་ཤུབ། གདོང་ཁེབས་བཅས་ཁྱབ་ཁོངས་སྤྱི་མི་དང་། དྭང་ཞབས་པ། ལས་བྱེད་བཅས་ལ་རིན་མེད་ཐོག་བགོ་འགྲེམས། གཞན་ཡང་གཞིས་ཆགས་ནང་གི་གཞིས་མི་རྣམས་ལ་ཚ་བ་དང་། གློ་ནད་ཡོད་མེད་བརྟག་དཔྱད། ཁྱབ་ཁོངས་དགོན་སྡེ་བཀྲིས་ལྷུན་པོ་ནས་གཞིས་མི་ཉམ་ཐག་དང་ཉེ་འཁྲིས་ཡུལ་མི་དབུས་ཕོངས་གྲངས་ ༥༧༧ ལ་སྒོར་ ༢༤༦,༡༢༥ འབབ་ཀྱི་བཟའ་བཅའ་རིགས་སྤྱིན་གཏོང། ཕྱི་ཕྱོགས་ནས་ཡོང་བའི་གཞིས་མི་རྣམས་ཀྱི་ཆེད་འགོག་དབྱེ་ཟུར་འཇོག་བྱ་ཡུལ་ཁང་ཁུངས་གོ་སྒྲིག་ཞུས་འདུག་པ་བཅས་ཀྱི་ལས་བསྡོམས་སྙིང་བསྡུས་སུ།


RELATED NEWS

Menu