ཆོད་གན་ལས་བྱེད་གསར་འདེམས་གསལ་བསྒྲགས།
༄༅། དབུས་བོད་མེའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་རྡ་ས་བྱམས་པ་གླིང་རྒས་གསོ་ཁང་དུ་གཉེར་པ་ ༡ ཆོད་གན་ངོ་བོའི་ཐོག་བསྐོ་གཞག་ཞུ་རྒྱུར་སོང་ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ་ལྟར་ཚང་དགོས་རྒྱུ།
ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ།
༡། ནང་སྲིད་ྋསྐོུ་དྲུང་ཆེ་མཆོག་གི་མཚན་ཐོག་རང་ཉིད་ལས་དོན་དེར་དོ་དབྱིངས་ཡོད་པའི་ཞུ་སྙན་འབུལ་དགོས་རྒྱུ།
༢། ཉུང་མཐའ་འཛིན་རིམ་བརྒྱད་པ་ཐོན་པའི་ལག་འཁྱེར་ཡོད་པ་དེ་དང་མཚུངས་པའི་ཤེས་ཚད་ལག་འཁྱེར་ཡོད་ན་འཐུས་རྒྱུ། འཛིན་རིམ་བཅུ་པ་དང་བཅུ་གཉིས་དེ་ལས་འགལ་བའི་ལག་འཁྱེར་ཡོད་པ་དང་དེ་མཚུངས་གཉེར་པ་ལ་སོགས་པའི་ལས་ཀའི་ཉམས་མྱོང་ཡོད་ཚེ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
༣ བོད་དབྱིན་གཉིས་བྲིས་ཀློག་ཐུབ་པ་དང་ཧིན་དི་དང་དབྱིན་ཇི་གཉིས་ཀྱི་སྐད་རང་སྐྱ་འཕེར་་བ་དགོས་རྒྱུ།
༤། བོད་མིའི་དྭང་བླང་དཔྱ་དངུལ་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
༥། གནས་ཡུལ་རྒྱལ་ཁབ་རྒྱ་གར་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།
༦། རང་ཉིད་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་སྨན་པ་ཚད་ལྡན་གྱིས་ངོས་སྦྱོར་ངོ་མ།
༧། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་ཆ་མེད་པའི་ངོས་སྦྱོར་རྒྱབ་གཉེར་དགོས་རྒྱུ།
༨། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣༠ སྔོན་རང་ལོ་ ༥༠ མ་བརྒལ་བ་དགོས་རྒྱུ།
ཕོགས་དང་ཁེ་ཕན་མཐུན་རྐྱེན།
༡། ཟླ་རེའི་གླ་ཕོགས་ཧིན་སྒོར། ༡༧,༡༦༨།༠༠ དང་སྡོད་གནས་ལས་ཤག་སོགས་ཀྱི་མཐུན་འགྱུར་སྤྱི་མཚུངས་ལྟར་ཐོབ་རྒྱུ།
གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་གནས་རིམ་ཡན་གྱི་དག་མཆན་དང་ལས་དམ་བཀོད་དེ་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༧ ཕྱི་དྲོ་ཚོུད་ ༥ གོང་འབུལ་དགོས་རྒྱུ་དང་། དོ་བདག་སོ་སོར་འབྲེལ་གཏུགས་ཞུ་རྒྱུའི་ཁ་བྱང་དང་། གློག་འཕྲིན་ Email ID དེ་བཞིན་ཁ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་འགོད་དགོས་པ་དང་། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་དགོས་། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་གྲངས་སྐབས་མཚམས་འབྲེལ་བ་ཞུ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༣ ལ།
༼འཚང་སྙན་འབུལ་ཡུལ།༽
Secretary,
Department of Home,
CTA Gangchen Kyishong,
Dharamsala 176215,Distt Kangra H.P
E-Mail: [email protected]
Fax: 01892-225065 / Tel: 01892- 222214/222412